གཞིས་བྱེས་གཉིས་ནས་ཡིད་ཆེས་ཡོད་པ།
སྤྱི་ཚོགས་ཆིག་སྒྲིལ་བཟོ་ཐུབ་མཁན།
མི་ལོ་ ༤༣ གྱི་ཉམས་མྱོང་ཡོད་པ།

དོན་གྲུབ་དབང་ཆེན།
ཆབ་སྲིད་བཙོན་ཟུར་དང་འཇིགས་བྲལ་གློག་བརྙན་བཟོ་མཁན།
འབྲོང་ཆུང་དངོས་གྲུབ་ལགས་ནི་བོ
ངག་དབང་གསང་གྲོལ།
ཆབ་སྲིད་བཙོན་ཟུར།
གུས་མོས་ཁྱེད་ཐོག་མར་མཇལ་དུས་
ཆུང་ཚེ་རིང་།
ཨོ་སི་ཀྲོ་ལི་ཡ་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔོན།
འབྲོང་ཆུང་དངོས་གྲུབ་ལགས་ཀྱི་
ཚེ་དབང་རིག་འཛིན།
ཀོ་ལམ་བི་ཡ་གཙུག་ལག་སློབ་ཁང་གི་མི་འབོར་ཞིབ་འཇུག་ལྟེ་གནས་ཁང་གི་ཉམས་ཞིབ་པ་དང་སྤྱི་ཚོགས་སྲིད་བྱུས་ཀྱི་འབུམ་རམས་པའི་སློབ་མ།
གལ་ཏེ་ང་ཚོས། རྣམ་ཀུན་ ‘དོན་ཀྱི་བདག་པོ་གཞིས་བཞུགས་བོ
འཇམ་དབྱངས་རྡོ་རྗེ།
འབྲས་ལྗོངས་མངའ་སྡེ་གཞུང་གི་ཟུང་སྦྲེལ་དྲུང་ཆེ་ཟུར་པ།
མི་ལོ་བཞི་བཅུའི་རིང་ལབ་གླེང་མེ
སྐར་མ་ལྷ་མོ།
རྒྱ་གར་གཞུང་གི་ཚན་རིག་ལག་རྩལ་ཚན་པའི་ཞིབ་འཇུག་ལས་རོགས་ཟུར་པ།
བོད་མིའི་སྒྲིག་འཛུགས་ཀྱི་ལས་
འབྲོང་ཆུང་དངོས་གྲུབ་སུ་ཡིན་ནམ།
༄༅།། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ནི་བཙན་བྱོལ་གྱི་མི་ཐོག་དང་པོའི་གྲས་ཡིན་པ་དང་། ཁོང་གིས་རང་ཉིད་ཀྱི་དར་མའི་མི་ཚེ་ཕལ་ཆེ་བ་བོད་བསྟན་སྲིད་ཀྱི་སྲི་ཞུའི་དོན་དུ་བཏང་ཡོད།
ཁོང་གིས་ཕྱི་ལོ་ ༢༠༡༦ ལོར་དིལླི་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་མ་བཞེས་གོང་། ཕྱི་ལོ་ ༢༠༠༧ ནས་ ༢༠༡༦ བར་བཀའ་བློན་སྐབས་གཉིས་གནང་ཡོད། འོན་ཀྱང་ཁོང་གི་མི་ཚེའི་དུས་ཡུན་གྱི་ལོ་ངོ་ ༣༠ རིང་ཕྱི་ལོགས་སུ་མངོན་གསལ་དོད་པོ་མེད་པའི་སྒོ་ནས་བོད་སྤྱི་པའི་ལས་དོན་ཐོག་དོ་ནན་དང་ཞིབ་ཚགས་པོའི་ངང་འཛིན་སྐྱོང་གི་ཕྱག་ལས་གནང་ཡོད་པ་དང་། ལས་རོགས་ཚང་མས་ཀྱང་གུས་བཀུར་དང་དགའ་ཞེན་ཆེན་པོ་བྱེད་སའི་མི་སྣ་ཞིག་ཡིན།
ཁོང་གིས་བདེ་སྲུང་ལས་ཁུངས་ནང་ཞབས་ཕྱི་ཞུས་རིང་བཙན་བྱོལ་བོད་མི་ཚོར་འཕྲད་པའི་དཀའ་ངལ་ཁག་ལ་གདོང་ལེན་དང་དཀའ་ངལ་སེལ་རྒྱུས་མཚོན་པའི་ཞབས་ཞུ་གནང་བ་ཙམ་མ་ཟད། བོད་ནས་ཕེབས་མཁན་གྱི་བོད་མི་ཚོར་འབྲེལ་འདྲིས་དམ་ཟབ་གནང་བའི་དམིགས་བསལ་ཉམས་མྱོང་ཡོད་པ་དེས་ཁོང་ནི་བོད་ཕྱི་ནང་གཉིས་ཀའི་ནང་གཞི་རིམ་གྱི་གནས་སྟངས་ལ་མཁྱེན་རྒྱུས་ཟབ་པོ་ཡོད་པ་ཞིག་ཡིན།
བརྒྱུད་ལམ་ཐོག་ཐོན་པའི་རྩོམ་ཡིག།
དུས་དང་འཚམས་པའི་སྲིད་སྐྱོང་ཞེས་པའི་ཅི་འཕྲོས་མོལ་འཕྲོས་ཀྱི་གློག་བརྙན་བལྟས་རྗེས།
དུས་དང་འཚམས་པའི་སྲིད་སྐྱོང་། ཞེས་པའི་བརྙན་འཕྲིན་ལེ་ཚན་གྱི་ཁ་བྱང་འོག་ལ་བོད་ཡིག་ཐོག་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་དང་འབྲེལ་བའི་བགློ་གླེང་ཁག་གི་ཕྱོགས་བསྡོམས། ཞེས་བྲིས་འདུག་ལ། ཨིན་ཡིག་ནང་ལ་Concluding remarks based on the three panels on Kasur Ngodup Dongchung ཞེས་བྲིས་འདུག
ང་དང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་མཉམ་གཤིབ་ཀྱི་ལོ་ངོ་ང་བདུན།
དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་ལ་ ༢༠༢༡ ལོའི་སྲིད་སྐྱོང་དང་། སྤྱི་འཐུས་འོས་བསྡུའི་བགྲོ་གླེང་དང་། ཁྱབ་བསྒྲགས། གཏམ་བཤད་ལ་སོགས་པའི་ལས་འགུལ་སྣ་ཚོགས་ཤིག་ཚ་ཚ་འུར་འུར་ཐོག་སྤེལ་བཞིན་འདུག
ང་ཚོས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་སྲིད་སྐྱོང་ལ་ཨུ་ཚུགས་བྱེད་དགོས་དོན་གང་ཡིན་ནམ།
ང་ནི་ནམ་རྒྱུན་ཕྱི་ལ་ཐོན་ནས་བཤད་ཐུབ་མཁན་ཞིག་མིན་ལ། ཁ་ཁུ་སིམ་མེར་སོ་སོའི་ལས་འགན་སྒྲུབ་དགོས་མཁན་གྱི་མི་ཞིག་ཡིན། ཡིན་ནའང་བར་ལམ་དྲྭ་ཐོག་བགྲོ་གླེང་ནང་ཆ་ཤས་བླངས་དགོས་བྱུང་བ་མ་ཟད། རྩོམ་ཡིག་ཐུང་ངུ་འདི་འདྲ་ཞིག་ཀྱང་སྤེལ་དགོས་བྱུང་སོང་།